Error
  • Expected response code 200, got 403

    Forbidden

    Error 403

  • Expected response code 200, got 403

    Forbidden

    Error 403

  • Expected response code 200, got 403

    Forbidden

    Error 403

  • Expected response code 200, got 403

    Forbidden

    Error 403

  • Expected response code 200, got 403

    Forbidden

    Error 403

  • Expected response code 200, got 403

    Forbidden

    Error 403

Gyuto Library  དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་།

library-sign༄༅། །རྒྱུད་སྟོད་དཔེ་མཛོད་ཁང་འདི་བཞིན་ཐོག་མར་སྐབས་བཅུ་གཉིས་པའི་ཕྱག་མཛོད་ནས་ཨར་ལས་འཛུགས་བསྐྲུན་གྱི་ཕྱག་ལས་གནང་བ་དང་། སྐབས་བཅུ་གསུམ་པའི་ཕྱག་མཛོད་དང་ལྷག་པར་ཤེས་ཡོན་ཚོགས་ཆུང་ནས་གཙོ་འགན་བཞེས་ནས་ནང་གི་འཛིན་ཆས་བཟོ་བསྐྲུན་དང་དཔེ་ཆ་མཁོ་སྒྲུབ་སོགས་ཀྱི་ལས་གཞི་མཇུག་སྐྱོང་གིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸དཔལ་རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ༸སྐྱབས་རྗེ་སློབ་དཔོན་མཁན་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་གདན་ཞུས་ཀྱིས་དཔེ་མཛོད་ཁང་དབུ་འབྱེད་མཛོད་སྒོ་གནང་ནས་གསར་དུ་དབུ་བརྙེས་པ་ཞིག་ཡིན།

དཔེ་མཛོད་ཀྱི་ལས་འགན་དང་་དམིགས་ཡུལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ་འདི་དག་མི་ཉམས་རྒྱུན་གནས་ཀྱི་ཐོག་ནས་དད་འདུན་དང་སྦྱང་བརྩོན་ཆེ་བའི་ཕྱི་ནང་མི་རིགས་སྤྱི་ལ་སློབ་གཉེར་གྱི་རྭ་བ་བཟང་པོ་ཞིག་བསྐྲུན་རྒྱུ་དང་། བྱེ་བྲག་ཏུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་འཆད་ཉན་རྣམས་མི་ཉམས་རྒྱུན་གནས་ཡོང་བའི་ཐབས་ལ་འབད་དགོས་པ་འདི་ཡིན།

ལས་གཞི་དང་པོ། བར་ལམ་བོད་གངས་ཅན་གྱི་ལྗོངས་འདིར་དུས་འགྱུར་ངན་པའི་དབང་གིས་ཆེས་རིན་ཐང་བྲལ་བའི་རྩ་ཆེའི་གསུང་རབ་རྣམས་ཁ་འཐོར་དགུ་འཐོར་དུ་སོང་བ་དང་། མང་པོ་ཞིག་རྩ་མེད་དུ་ཕྱིན་པ་སོགས་གོ་ཆག་ཚབས་ཆེན་བྱུང་བ་དེ་ཉིད་ཐབས་ཤེས་ཡོད་དགུའི་ཉམས་པ་སླར་གསོ་དང་། འཚོལ་སྒྲུབ་བྱེད་རྒྱུ་ནི་ལས་དོན་གལ་ཆེན་ཞིག་ཡིན་པས་འདས་པའི་ཆ་ལ་གང་འཚམ་མཁོ་སྒྲུབ་ཐུབ་ཡོད་ཀྱང་།་ད་དུང་བྱས་པ་ལས་བྱེད་རྒྱུ་མང་བ་ལྷག་ཡོད་པས་འབད་བརྩོན་བྱེད་མུས་ཡིན། གཞན་ཡང་ཡུལ་ལུང་གཞན་གྱི་སྐད་རིགས་ཐོག་ཏུ་ཡོད་པའི་ནང་ཆོས་ཀྱི་གཞུང་དང་ཐུན་མོང་གི་རིག་གནས་ཁག་གི་དཔེ་དེབ་གང་མང་མཁོ་སྒྲུབ་བྱེད་དགོས་པའང་དུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན་པས་དེའི་ཐོག་ཏུ་འབད་བརྩོན་བྱ་རྒྱུ།

ལས་གཞི་གཉིས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་གཞུང་ལ་སྦྱང་བརྩོན་གནང་མཁན་ཕྱི་ནང་གི་མི་རིགས་མང་དུ་འགྲོ་བཞིན་པའི་སྐབས་འདིར། དཔེ་རྒྱུན་དཀོན་པའི་འཕགས་བོད་ཀྱི་གཞུང་ལུགས་དེ་དག་དོན་གཉེར་ཅན་རྣམས་ཀྱི་ཉིན་རེའི་སློབ་སྦྱོང་གི་ཐོག་ཏུ་སྤྱོད་ཐབས་སུ་གསང་ཆེན་སྟོད་རྒྱུད་པོད་ཕྲེང་ཞེས་པ་དགོས་གལ་ཆེ་ཞིང་དཔེ་རྒྱུན་དཀོན་པའི་རིགས་རྣམས་དཔར་སྐྲུན་གྱི་ལས་གཞི་དངོས་སུ་དབུ་འཛུགས་ཟིན་ཞིང་ད་ཆར་དེབ་ཕྲེང་ཁ་ཤས་དཔར་བསྐྲུན་ཞུས་ཟིན་ལ། ད་དུང་ཡང་ལས་འཆར་མུ་མཐུད་ནས་འགྲོ་མུས་ཡིན།

ལས་གཞི་གསུམ་པ། གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཉམས་གཞེས་ཆོས་སྐོར་གཙོ་བོ་གྱུར་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་གི་རྒྱུན་རྣམ་མི་ཉམས་རྒྱུན་གནས་དང་ཉམས་པ་སླར་གསོའི་ཐོག་ཏུ་འབད་བརྩོན་ལྷོད་མེད་ཞུ་རྒྱུ།

ལས་གཞི་བཞི་པ། གོ་སྐབས་ནམ་བྱུང་ལ་ཁྱད་ལས་པ་དང་མཁས་དབང་རྣམ་པ་གདན་ཞུས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་ཁག་དང་། མཐོང་བརྒྱུད་ཀྱི་ཕྱག་བཞེས་ཟབ་མོ། ཐུན་མོང་གི་རིག་གནས། དེང་དུས་ཀྱི་རྩིས་འཁོར་སོགས་ཀྱི་ཐད་ལ་དུས་ནས་དུས་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།

གོང་ཞུས་ཀྱི་དོན་ཚན་དེ་རྣམས་དཔེ་མཛོད་ཁང་གི་ལས་འཆར་མང་པོ་ཡོད་པའི་ནང་ནས་གལ་ཆེའི་རགས་ཟིན་ཁག་ཡིན།

Gyuto Library was established in 2000 with the sole aim of meeting the needs of the students with modern education. The library publishes Dharma books and produces CDs to listen to the teachings of His Holiness the Dalai Lama and other scholars as well as from outside. With the need of the students as the top priority, the library finds sponsors and publishes prayer books, school books, history books, and literatures of different types. Many books of importance are ordered from other libraries in different languages. Some books are distributed for free while some with minimal price.

The reading section has books of different types not only religious as well as all modern fields. Mainly consisting works of all renowned Indian and Tibetan masters, it also has sections of Hindi, English, Chinese and Tibetans. Library open six days a week 9 am to pm.  It is free and everyone is welcome to stay at Gyuto Library.  If you would like to use, please call us and see the computer lab or the computer department is available on particular day. 

上密院圖書館

上密院圖書館成立於2012年春天,目前主要工作為尋找重要法本,並予以重新編纂發行。除了圖書閱覽與法本發行之外,圖書館也提供上密院僧眾電腦學習課程,未來將有一系列的密法研討。歡迎大家多多護持。

Please like us on Facebook!

 

  

 

Stay Connected

Gyuto Monastery
  P.O. Sidhbari,
       Dharamsala, 176057 Distt Kangra, India
  +91 (1892)-236-154
  This email address is being protected from spambots. You need JavaScript enabled to view it.
Web Traffic: Total 395194