༈ དཔལ་གསང་བ་འདུས་པའི་སྒྲུབ་མཆོད།
བོད་ཟླ་ ༦ ཚེས་ ༣༠ ཉིན་མགོན་ཐང་རིན་པོ་ཆེ་བཀྲམ་ཟིན་རྗེས་ལས་སྣེ་རྣམས་ཀྱིས་བཞུགས་གདིང་བསྒྲོན་ཅིང་། དེ་ནས་གྲྭ་མང་གིས་རིམ་པས་གདིང་བ་རྒྱག བོད་ཟླ་ ༧ ཚེས་ ༡ ནས་ཚེས་ ༧ བར་ཉིན་ཚོགས་མེད། ཚེས་ ༥ ཉིན་དགེ་བསྐོས་གསར་རྙིང་འཕོ་ལེན་ཡིན། ཚེས་ ༦ ཉིན་གྲྭ་ཚང་གཉེར་པ་གསར་རྙིང་འཕོ་ལེན་དང་རྩིས་སྤྲོད་ཡིན། ཚེས་༨ ཉིན་དཔལ་གསང་བ་འདུས་པའི་བདག་འཇུག་འཚོགས། ཚེས་༩ ཉིན་གཏོར་རྒྱག་དང་ཚེས་ ༡༠ ཉིན་ཆོས་མཚམས་རྒྱས་པ་ཡིན།