༈ རྒྱུད་སྟོད་གྲྭ་ཚང་གི་ཐོབ་ཁུངས་དགོན་སྡེ་རྣམས་ཀྱི་མཚན་གཞུང་།
སྤྱིར་གནའ་དུས་ཀྱི་ཐོབ་ཁུངས་ངེས་པའི་དགོན་སྡེ་ཁག་ཙམ་མ་ཡིན་པར་རྒྱལ་ཕྱི་ནང་གི་དོན་གཉེར་ཅན་སུ་འདྲ་ཞིག་ཕེབས་ཀྱང་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་འདྲ་མཉམ་གྱི་སྒོ་ནས་དགའ་བསུ་ཞུ་བཞིན་ཡོད། འཇམ་མགོན་རྒྱལ་བའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་སོགས་གདན་ས་ཆེན་པོ་གསུམ་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་། མངའ་རིས་གྲྭ་ཚང་། དྭགས་པོ་གྲྭ་ཚང་སོགས་ཀྱི་གྲྭ་རྒྱུན་རྣམས་སོ་སོའི་གཞིས་དགོན་གྱི་ཐོབ་ཁུངས་བཞིན་ཕེབས་སྲོལ་ཡོད་པས་འདིར་ཟུར་དུ་བྲིས་མེད། འདིའི་ནང་དུ་བཀོད་པ་དག་དགོན་སྡེ་འགའ་ཞིག་གི་མིང་བཅོས་པ་དང་། ཕྱག་འདེབས་མཁན་འགའ་ཞིག་གསལ་ཁ་བཏོན་པ་མ་གཏོགས་གཞན་རྣམས་རྒྱུད་སྟོད་གྲྭ་ཚང་གི་ཆོས་འབྱུང་ཨུཏྤལའི་དོ་ཤལ་གཞིར་བཞག་བྱས་ཡོད། འོན་ཀྱང་འདིའི་ནང་དུ་མ་འཁོད་པ་མང་པོ་ཡོད་ངེས་པས་འབྲེལ་ཡོད་རྣམ་པས་དགོན་པའི་མིང་དང་། ཕྱག་འདེབས་མཁན། ས་གནས་གང་དུ་ཡོད་པ་སོགས་ཀྱི་སྐོར་ང་ཚོར་གནང་སྐྱོང་ཡོང་བའི་རེ་བ་ཡོད། དེ་མིན་འདིར་འཁོད་པའི་དགོན་སྡེ་དག་གི་མིང་ཇི་བཞིན་མ་འགྲིག་པ་དང་། ཕྱག་འདེབས་མཁན་མ་འཁོད་པ་དང་ནོར་བ། དེ་བཞིན་ས་གནས་དང་ལུང་པ་བཅས་མ་འཁོད་པ་དང་ནོར་བ་སོགས་བྱུང་འདུག་ན་ནོར་བཅོས་དང་གསལ་བཤད་གནང་སྐྱོང་ཡོང་བར་ཞུ། ང་ཚོས་ཞིབ་འཇུག་དང་བཅས་སྣོན་འཕྲི་བཅོས་བསྒྱུར་གཏོང་ངེས་ཡིན། (more…)